पृष्ठ:बौद्ध धर्म-दर्शन.pdf/११

विकिस्रोत से
यह पृष्ठ जाँच लिया गया है।



THE DALAI LAMA

།རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་ཀྱི་ཁམས་དང་། བསམ་པ་དང་། དབང་པོའི་ཁྱད་པར་དང་ འཚམས་པར་སྟོན་པ་བདེ་བར་གཤེགས་པས་ཐེག་པ་གསུམ་དང་། གྲུབ་མཐའ་བཞེས་བསྡུས་པའི་དྭང་བ་ དང་ངེས་པའི་དོན་གྱི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བཀའ་བསྩལ་བ་ཐམས་ཅད་དངོས་བརྒྱུད་ཅི་རིགས་ཀྱི་ སྒོ་ནས་རྣམ་གྲོལ་ལྟར་དུ་གོ་འཕང་སྒྲུབ་པའི་ཐབས་ལམ་ཉིད་ལ་འབབ་ཅིང་གཞོལ་བ་དང་། སྐལ་ལྡན་ཐར་ འདོད་ཀྱི་མིས་བུ་ནས་ལ་ཉེ་བར་མཁོ་བ་ཤ་སྟག་མ་གཏོགས་འདོར་བར་བྱ་བ་ཚིག་གཅིག་ཀྱང་མེད་པར་ གང་ཟག་གཅིག་འཚང རྒྱུ་བའི་ལམ་གྱི་རིམ་པ་ཧྲིལ་གྱིས་བསྒྲིལ་ཏེ་སྟན་ཐོག་གཅིག་ཏུ་བསྟན་པ་ཐམས་ཅད་གྲྭ་ བཞི་ལམ་གྱིས་འཁྱེར ནས་ཉམས་སུ་བླང་དུ་ཡོད་པ་དང་། དེ་ལྟ་བུའི་ཚང་ལ་མ་ནོར་བའི་བསྟན་པ་རིན་པོ་ ཆེར་ཐོས་བསམ་སྒོ་གསུམ་གྱིས་ཇི་ལྟར་འཇུག་པའི་ཚུལ་བཅས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། ཐོགས་མེད་ ཀྱིས་མཚོན་པའི་སྔོན་རབས་ཀྱི་པཎ་གྲུབ་གྲངས་ལས་འདས་པ་རིམ་པར་བྱོན་པ་རྣམས་ཀྱིས་ལེགས་པར་ བཏན་ལ་ཕབ་སྟེ། འཕགས་པའི་ཡུལ་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་གསལ་བར་མཛད་ པ་དེ་ལྟ་ནའང་། དུས་ཀྱིས་འགྱུར་བས་རྒྱ་གར་དབུས་འགྱུར་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་ལྷག་ མེད་དུ་ཉམས་དེ་ ཙཱ་ངོ་rt;ཕྲiཁ་ཤས་འདས་ཤིང་། དུས་རབས་ཉི་ཤུ་པ་འདིའི་ནང་སླར་བསྟན་པ་བསྒྱུར་ གསོའི་ལས་འསྣ་ཚོགས་ཤིན་ཆོས་དང་། རིག་གཞུང་། སྤྱི་ཚོགས་བཅས་ཀྱི་བརྒྱུད་ལམ་ནས་རིམ་གྱིས་ བྱུང་བ་དེ་ལྟ ༣ ཡང་། བཤད་སྒྲུབ་ཀྱི་རྒྱུན་དང་གསུང་རབ་གླེགས་བམ་ཚུན་རྩ་བརླག་ཏུ་ཕྱིན་ཟིན་པའི་དབང་ གིས་གཞུང་ལུགས་ཕྱོས་རེ་བ་དང་། རགས་པ་རེ་ཙམ་གྱི་འཆད་ཉན་ཐོར་བུ་བ་ལ་བརྟེན་ནས་མ་རྟོགས་པ་ དང་། ལོག་པར་རྟོག་པའི་དྲི་མ་བསལ་མ་ནུས་ཤིང་། ལེགས་སྦྱར་དང་། པཱ་ལི། བོད་སྐད་སོགས་སུ་ བཞུགས་པའི་གཞུང་ཆེན པོ་རྣམས་སྐད་བརྡ་མི་འཕྲོད་པ་དང་། ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་ཡན་ ལས་ཆ་ཚང་བའི་བསྟན་པ་སྤྱིའི་རྣམ་བཞག་སྟོན་པའི་བསྟན་བཅོས་དེང་དུས་རྒྱུ་བར་ཕྱི་ཡུལ་སྐད་དུ་རྙེད་དུ་ མེད་པའི་གནས་སྐབས་འདིར། མཁས་དབང་ཨཱཙརུནརནད་དེབ་མཆོག་གིས་ སངས་རྒྱས་པའི་ཆོས་དང་། གྲུབ་མཐའ+ ཞེས་པའི་དཔེ་དེབ་འདི་ཧིན་སྐད་ཐོག་ལྗགས་རྩོམ་གནང་བ་ནི་སངས་རྒྱས་བསྟན་པའི་གསོས་ སྨན་དམ་པར་གྱུར་པ་མ་ཟད། སྔོན་གྱི་སློབ་དཔོན་ཚད་ཐུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་རྣམས་དང་ མཚུངས པར་ནང་པའི་བསྟན་བཅོས་ཀྱི་མཚན་ཉིད་ཚང་ངེས་སུ་སྣང་ཞིང་། ལྟ་གྲུབ་ཀྱི་རྣམ་བཞག་རྣམས་