पृष्ठ:बौद्ध धर्म-दर्शन.pdf/१२

विकिस्रोत से
यह पृष्ठ जाँच लिया गया है।
THE DALAI LAMA

འཆད་པའི་སྐབས་འོ་ཚོད་དང་། རང་བཟོས་ནམ་ཡང་མ་བསླད་པར་གྲུབ་མཐའ་རང་རང་གི་ཚད་ལྡན་གྱི་ གཞུང་ལུགས་དཔེར་; འཕགས་པ་གནས་བརྟན་པའི་སྡེ་པའི་སྡེ་སྣོད་གསུམ་དང་། དེའི་འགྲེལ་པ། རྗེས་ འགྲེལ་དང་བཅས་པ དང་། ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ལེགས་སྦྱར་དུ་བཞུགས་པ་སྤྱི་དང་། ཁྱད་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་ཤེ། མགོན་པོ་བྱམས་པའི་མདོ་སྡེ་རྒྱན། དབྱིག་གཉེན་གྱི་མཛོད་དང་ཉི་ཤུ་ པ། ཟླ་བ་འག ་བསལ་སོགས་ཀྱི་ཐོག་རྒྱ་སྐད་དང་ཕ་རན་སིའི་སྐད་དུ་ཡོད་པའི་བསྟན་བཅོས་ རྣམས་འང་ །ཞི་བཙལ་ཞིང་། དེང་རབས་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་མཐའ་དཔྱོད་དང་ཉམས་ ཞིབ་ཀྱི་དཔཾ དེབ་ཕལ་ :རེ་ནས ལེགས་ཆ་བླངས་ཏེ་སངས་རྒྱས་ཀྱི་ཆོས་ཀྱི་ཐོག་མའི་བྱུང་རབས་ནས་བཟུང་ སྟེ་ནང་པའི་ལྟ་གྲུབ་ཀྱི སྤྱི་དོན་གལ་ཆེ་བ་མི་རྟག་པ་དང་། བདག་མེད་པ། བྱེད་པོ་མེད་པ། ལས་འབྲས་ཀྱི་ རྣམ་བཞག རྟེན་འབྱུང་ནི་རྣམ་བཞག་སོགས་དང་། འཕགས་པ་གནས་བརྟན་པའི་ལྟ་གྲུབ་དང་། བྱེ་མདོ་ དབུ་སེམས་ཀྱི་གྲུབ་ཆ ཐའི་རྣམ་བཞག ནང་པའི་ཚད་མ་རིག་པའི་རྣམ་བཞག་བཅས་རྒྱས་བསྡུས་འཚམས་ ཤིང་། གོ་བདེ་བ།: རང་གི་ལུང་ཁུངས་ཚད་མའི་རྒྱབ་རྟེན་དང་བཅས་ཏེ་ལེའུ་ལྔའི་བདག་ཉིད་ཅན་དུ་ བརྩམས་པའི་བསྟན་བཅོས་འདི་རྒྱ་གར་དུ་རྒྱལ་བསྟན སླར་གསོའི་ལས་རིམ་གྱི་བྱུང་བའི་ནང་གཞན་འགྲན་ བྲལ་བའི་མཛད་ཅེས་རླབས་ཆེན་ཞིག་ཡིན་པ་བརྗོད་མ་དགོས་ཤིང་། འདི་ལ་བརྟེན་ནས་རྒྱུ་གར་དུ་ནང་པའི་ སློབ་སྦྱོང་ལ་, ོ ་་་ཅང་ཆེན་པོ་བྱུང་ཡོད་སྟབས། དོན་གཉེར་ཅན་རྣམས་ལ་དཔེ་རྒྱུན་དགོས་མཁོ་ ཤིན་ཏུ་ཆེ་བས་ད་ལམ་བསྐྱར་དུ་དཔར་བསྐྲུན་མཛད་པ་འདི་དམིགས་བསལ་དགའ་བསུ་ཞུ་འོས་སུ་འདུག་ ཅིང་། འདིས་སྐྱེ་༢ ཡོངས་ལ་སྨན་རླབས་ཆེན་པོ་ཡོང་བའི་སྨོན་འདུན་དང་བཅས། ཧཱ་ལའི་བླ་མས། ཕྱི་ལོ་ ༡༩༩༣ གླུ་ ༡༠ ཚེས་ ༡༤ ལ་